བདག་སེམས་ས་སྟོང་ལུང་སྟོང་།
དབྱངས། བསམ་འགྲུབ་ཚེ་རིང་།
སེམས་ཀྱི་ཁྱིམ་ལ་འཁྲུངས་པའི།།
འཁོར་བའི་མེ་ཏོག་ཁྱོད་ཡིན།།
ངས་ཁྱོད་སྙིང་ཁོང་དུ་ཉར་ཡོད།
འཐུང་དགོས་ཚེ་སྔོན་ལས་རེད།།
བློ་དཀར་ལས་ཀྱི་འབྲོག་མོ།།
བདག་སེམས་ས་སྟོང་ལུང་སྟོང་།།
ཆུ་ཟོམ་ཁུར་བའི་འབྲོག་མོ།།
སེམས་ཀྱི་དབྱིངས་སུ་ཤར་བའི།།
སྐར་མ་སྨིན་དྲུག་ཁྱོད་ཡིན།
ངས་ཁྱོད་མཚན་མོ་ནས་དྲན་ཡོད།།
ཞེ་འདྲེས་མཚར་བའི་འབྲོག་མོར།།
བདག་སེམས་ཤི་འདྲ་གསོན་འདྲ།།
དུང་ཞེན་ཟབ་པའི་འབྲོག་མོ།།
སེམས་ཀྱི་གསང་ལམ་ཉུལ་བའི།།
མཆི་མའི་སྐར་ཚོགས་ཁྱོད་ཡིན།།
ངས་ཁྱོད་རྨི་ལམ་དུ་སྒོམ་ཡོད།།
རྐང་རྗེན་འགྲོ་དགོས་ལས་རེད།།
གཤིས་ལ་སྨོན་པའི་འབྲོག་མོ།།
བདག་སེམས་མི་སྐྱོ་དགུ་སྐྱོ།།